[385B]དུ། ཨཱརྱ་མཧཱ་བ་ལ་ནཱ་མ་མཧཱ་ཡཱ་ན་སུ་ཏྲ། བོད་སྐད་དུ་འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོ་ན་ཆོས་སྟོན་ཏོ། །དེ་ ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་བཀུར་ནས་མངོན་པར་དགའ་བར་བྱས་པ་ཡང་དེ་ ཉིད་དུ་འདུག་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཕྱག་གིས་སེམས་ཅན་རྣམས་དབུགས་འབྱིན་ཅིང་ཤར་ཕྱོགས་ན་མེ་ལྕེ་ཀུན་ཏུ་འབར་བའི་ཕྲེང་བའི་པདྨའི་གདན་ལ་ བཞུགས་སོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་ན་སྟོབས་པོ་ཆེ་ལག་པ་བཞི་པ་ལག་པ་གཅིག་ན་ནི། རྔ་ཡབ་ཐོགས། ལག་པ་གཅིག་གིས་ནི་ཕྱག་འཚལ། གཡས་པ་ན་ནི། བེ་ ཅོན་ཐོགས། གཡོན་པ་ན་ནི། ཞགས་པ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིག་དམར་བའོ། །དེའི་འོག་ན་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་འཁོར་དང་བཅས་པའོ། །གཡས་ [386A]༄༅། །ན་ནི། རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་སོ། །གཡོན་ན་ནི། བདུད་རྩི་ཐབ་སྦྱོར་རོ། །དེ་ནས་སྙིང་པོ་རྣམས་ནི། ཟླ་བ་ཁམ་བལྟ་བུར་གཞག་གོ་སྙིང་ པོ་ནི༑ ཀི་ལི་ཀི་ལ་དང། འགྲོ་ལྡིང་བའི་གཟུངས་དང། ལུས་དམར་པོ་དང། རྡོ་རྗེས་རྣམ་པར་འཇོམས་པ་དང། རྡོ་རྗེའི་རྒྱན་ཆེན་ཏེ་སྙིང་པོའི་མཆོག་གོ་རིག་སྔགས་ཀྱི་རྒྱལ་པོ་དྲག་པོ་ ཆེན་པོ་དང་ཉེ་བ་ན་ནི། འཕགས་པ་མཱ་མ་ཀཱིའོ། །འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་འོག་ན་ནི། རྡོ་རྗེའི་ལྕགས་ཀྱུ་དང། རྡོ་རྗེ་ལུ་གུ་རྒྱུད་དོ། །སྒོའི་ནང་ལོགས་སུ་ནི། ཁྲོ་བོ་རྡོ་རྗེའི་ཐོ་བ་ དང། རྡོ་རྗེའི་བེ་ཅོན་གཉིས་མངོན་དུ་ཕྱོགས་པར་གཞག་གོ་གཡོན་ལོགས་སུ་ནི། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པའོ། །བཅོམ་ ལྡན་འདས་ཀྱི་གཡས་ལོགས་སུ་ནི། གོས་དཀར་མོའོ། །དེའི་འོག་ཏུ་ནི་སྒྲོལ་མ་དང། ཁྲོ་གཉེར་ཅན་ནོ། །གཡོན་དུ་རིག་སྔགས་ཀྱི་རྒྱལ་པོ་རྟ་མགྲིན་དང། དེ་ལ་སོགས་པ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བརྒྱ་ཕྲག་སྟོང་དང་ངོ། །དེ་བཞིན་དུ་ཤར་ཕྱོགས་སུ་ནི། ཟླ་བ་དང། ཉི་མ་དང། ཡུལ་འཁོར་སྲུང་དང། དབང་པོའོ། །མེའི་ཕྱོགས་ན་ནི། མེའི་ལྷ་དྲང་སྲོང་ ཆེན་པོ་རྣམས་ཀྱིས་བསྐོར་བའོ། །ལྷོ་ཕྱོགས་སུ་ནི། གཤིན་རྗེ་དང་ཁྱབ་འཇུག་གོ། བདེན་བྲལ་ཕྱོགས་སུ་ནི། སྲིན་པོའི་བདག་པོ་མ་མོས་བསྐོར་བའོ། །ནུབ་ཕྱོགས་སུ་ནི། ཀླུའི་ [386B] །རླུང་གི་ཕྱོགས་སུ་ནི་རླུང་ལྷ་འཁོར་དང་བཅས་པའོ། །བྱང་ཕྱོགས་སུ་ནི། ལུས་ངན་པོ་འཁོར་དང་བཅས་པའོ། །དབང་བདག་གི་ཕྱོགས་སུ་ནི་ དབང་བདག་ཚོགས་ཀྱིས་བསྐོར་བའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང། ཁྱབ་འཇུག་དང། ཚངས་པ་ཆེན་པོ་དང། དེ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་ཚད་མེད་ གྲངས་མེད་དཔག་ཏུ་མེད་པ་དག་དང་ངོ། །སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ ན་རྡོ་རྗེ། མདོ་སྡེ་འདི་སྒྲུབ་པ་པོ་འདི་ལ་གསང་སྔགས་ཀྱི་གཞི་འདི་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་ རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཀི་ལི་ཀི་ལི་བཛྲ། ཀཱི་ལི་ཀཱི་ལཱ་ཡ་སཱཧཱ། སྤྱི་གཙུག་ལ་སཱཧཱ། དཔྲལ་བ་ལ་སཱཧཱ། མིག་ལ་སཱཧཱ། དྲག་ཤུལ་ཅན་ལ་སཱཧཱ། ཤིན་ཏུ་དྲག་ཤུལ་ཅན་ ལ་སཱཧཱ། རྡོ་རྗེའི་ཞགས་པ་ལ་སཱཧཱ། ལུས་དམར་པོ་ལ་སཱཧཱ། ལག་ན་རྡོ་རྗེ་ལ་སཱཧཱ། ལག་ན་ཞགས་པ་ལ་སཱཧཱ་ལག་ན་རལ་གྲི་ལ་སཱཧཱ། ལག་ན་དགྲ་སྟ་ལ་སཱཧཱ། གཞུ་འཛིན་ལ་སཱཧཱ་ གཏུན་ཤིང་འཛིན་ལ་སཱཧཱ། ལག་ན་འཁོར་ལོ་ལ་སཱཧཱ། ལག་ན་མདུང་རྩེ་གསུམ་ལ་སཱཧཱ། སྙིང་པོ་ལ་སཱཧཱ། ཉེ་བའི་སྙིང་པོ་ལ་སཱཧཱ། དྲག་པོ་ལ་སཱཧཱ། ཀཱི་ལི་ཀཱི་ལཱ་ཡ་སཱཧཱ་བྱིས་པ་ཀཱི་ལི་ [387A]༄༅། །ཀི་ལ་ལ་སཱཧཱ། དམར་པོ་ཀཱི་ལི་ཀཱི་ལ་ལ་སཱཧཱ་སྟོབས་པོ་ཆེ་ལ་སཱཧཱ། རལ་པ་ཅན་ལ་སཱཧཱ། གསུས་འཕྱང་བོ་ལ་སཱཧཱ། ཁྲོ་བོ་འཆོལ་པ་ལ་སཱཧཱ། གཤིན་རྗེ་ལ་ སཱཧཱ༑ སྲིན་པོ་ལ་སཱཧཱ། སྲིན་པོ་ཡ་མུན་ལ་སཱཧཱ། དྲག་པོ་ཆེན་པོ་ལ་སཱཧཱ། སྦྲིན་ལ་སཱཧཱ། རི་འཛིན་ལ་སཱཧཱ། རི་བཏང་བཟུང་འཛིན་ལ་སཱཧཱ། རྡོ་རྗེའི་བེ་ཅོན་ལ་སཱཧཱ། འཇིགས་ བྱེད་ཆེན་པོ་ལ་སཱཧཱ། ལུས་འཇིགས་བྱེད་ལ་སཱཧཱ། སྡིགས་བྱེད་ལ་སཱཧཱ། རྡོ་རྗེའི་ལུ་གུ་རྒྱུད་ལ་སཱཧཱ། རྡོ་རྗེའི་གཏན་པ་ལ་སཱཧཱ། རྡོ་རྗེ་ལུས་ལ་སཱཧཱ། འགྲོ་ལྡིང་བ་ལ་སཱཧཱ། བདུད་ རྩི་ལ་སཱཧཱ། དཀའ་ཐུབ་འཛིན་ལ་སཱཧཱ། ལྕགས་ཀྱུ་ལ་སཱཧཱ། དོན་ཡོད་ལ་སཱཧཱ། གཙུག་ཏོར་རྒྱལ་པོ་ལ་སཱཧཱ། མདོག་དཀར་པོ་ལ་སཱཧཱ། སྔོ་བསངས་མདོག་ལ་སཱཧཱ། འཕྱང་པོ་ ལ་སཱཧཱ། གླང་པོ་ལ་སཱཧཱ། བ་ལང་འཕལ་གྱི་ལག་པ་ལ་སཱཧཱ། བདུད་ཀྱི་རྣམ་པར་འཕྲུལ་པ་ལ་སཱཧཱ། སྦྲུལ་གྱི་སྐེ་རགས་ཅན་ལ་སཱཧཱ། རྡོ་རྗེའི་ཕུར་པ་ལ་སཱཧཱ། ལག་པ་གཉིས་ཀ་ ལ་སཱཧཱ། ཨ་རྡོ་རྗེ་ལ་སཱཧཱ། འབར་བའི་འོད་བྱེད་པ་ལ་སཱཧཱ། བློ་གྲོས་བརྟན་པའི་རྡོ་རྗེ་ལ་སཱཧཱ། མྱུ་གུ་ལ་སཱཧཱ། འོད་བྱེད་ལ་སཱཧཱ། རྡོ་རྗེས་རྣམ་པར་འཇོམས་པ་ལ་སཱཧཱ། རྡོ་རྗེའི་དྲ་བ་ ལ་སཱཧཱ། རྡོ་རྗེ་འཇིགས་བྱེད་ལ་སཱཧཱ། རྡོ་རྗེ་ཁུ་ཚུར་ལ་སཱཧཱ། སྤྲིན་རྣམ་པར་འཐོར་བ་ལ་སཱཧཱ། ཆར་པ་རྣམ་པར་རྟོན་པ་ལ་སཱཧཱ། རྡོ་རྗེ་ལྕགས་ཀྱུ་ལ་སཱཧཱ། རྡོ་རྗེའི་སྙིང་པོ་ལ་སཱཧཱ་ [387B] མཐེ་བོའི་རྒྱལ་པོ་ལ་སཱཧཱ། བེ་ཅོན་གྱི་རྒྱལ་པོ་ལ་སཱཧཱ། གོ་ཆའི་རྒྱལ་པོ་ལ་སཱཧཱ། ཨོཾ་དྷྲཱི་ཨོཾ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་ དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཨ་མྲྀ་ཏ་ཧཱུཾ་ཕཊ་སཱཧཱ། ཡུལ་འཁོར་སྲུང་ལ་སཱཧཱ་ མིག་མི་བཟང་ལ་སཱཧཱ། འཕགས་སྐྱེས་པོ་ལ་སཱཧཱ། ལུས་ངན་པོ་ལ་སཱཧཱ། དབང་པོ་ལ་སཱཧཱ། མེ་ལྷ་ལ་སཱཧཱ། དྲང་སྲོང་ཆེན་པོ་ཐམས་ཅད་ལ་སཱཧཱ། ཉི་མ་ལ་སཱཧཱ། ཟླ་བ་ལ་སཱཧཱ་ གཤིན་རྗེ་ལ་སཱཧཱ། ཁྱབ་འཇུག་ལ་སཱཧཱ། སྲིན་པོའི་བདག་པོ་ལ་སཱཧཱ། ཀླུའི་བདག་པོ་ལ་སཱཧཱ། རླུང་ལྷ་ལ་སཱཧཱ། དབང་བདག་ལ་སཱཧཱ། དབང་བདག་གི་ཆུང་མ་ལ་སཱཧཱ། བརྒྱ་བྱིན་ལ་ སཱཧཱ། ནོར་ལྷའི་བུ་ལ་སཱཧཱ། རྡོ་རྗེ་ཆེན་པོ་ལ་སཱཧཱ་ཚངས་པ་ཆེན་པོ་ལ་སཱཧཱ། ས་ལ་སཱཧཱ། དབྱངས་ཅན་ལ་སཱཧཱ། ལྷ་མོ་དཔལ་ལ་སཱཧཱ། ལྷ་མོ་དཀའ་ཐུབ་ཟློག་ལ་སཱཧཱ། རིག་སྔགས་ ཆེན་པོ་སྟོབས་པོ་ཆེའི་རིག་སྔགས་ཀྱི་རྒྱལ་པོ་འདི་དཀྱིལ་འཁོར་གྱི་གནས་སུ་འཆང་ཞིང་ཡིད་ལ་བྱེད་ན། སྲུང་བ་དང། སྐྱོབ་པ་དང། སྦེད་པར་བྱེད་པར་འགྱུར་རོ། །ལས་ཐམས་ཅད་ འགྲུབ་པར་འགྱུར་རོ། །སངས་རྒྱས་དང། ཆོས་དང། དགེ་འདུན་དང་རང་སངས་རྒྱས་དང། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །གནས་བརྟན་བློ་ [388A]༄༅། །གྲོས་ཆེན་པོ་ཤཱར་དའྭ་ཏིའི་བུ་ལ་ཕྱག་འཚལ་ལོ་།བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ་།རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་མུ་ནི་མུ་ནི། མཧཱ་མུ་ནི། ཀི་ལི་ཀི་ལི། མཧཱ་ཀི་ལི་ ཀི་ལི། ཧཱི་གེ། ཀ་ཊ་ཀ་ཊ་ཀ་ཊ། མཧཱ་ཀཊ། ཤ་མ་ཤ་མ་ཤ་མ། མཧཱ་ཤ་མ། ཤཱ་ཏྲི་ཤཱ་ཏྲི་ཤཱ་ཏྲི། ཤཱནྟ་ཤཱནྟ་ཤཱནྟ། དཱནྟ་དཱནྟ་དཱནྟ། དྷཱི་ར་དྷཱི་ར་དྷཱི་ར། མཧཱ་མེ་གྷཱ་དུརྡྷ་ར། ཧ་རི་ཧ་ རི་ཧ་རི། ཀུཊྚི་ཀུཊྚི་ཀུཊྚི། ཙྪིནྡ་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ་བྷིནྡ། སརྦྦ་དུཥྚ། གུ་མུ་གུ་མུ་གུ་མུ། ཧ་ར་ཧ་ར་ཧ་ར། པྲ་མཾ་ད་མ་ནི་ད་མ་ནི། ཊ་ཊ་ཊ། ཋཱ་ཋཱ་ཋཱ། ཌཱ་ཌཱ་ཌཱ། ཌཱ་ཌཱ་ཌཱ། ཙ་ཙ་ཙ། ཙ་ཙ་ཙ་ པ་ཙ་པ་ཙ་པ་ཙ། ད་ཧ་ད་ཧ་ད་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཤ་བ་རི་ཤ་བ་རི་ཤ་བ་རི། མ་ཏཱཾ་གི་ཙཎྜ་ལི། ཧུ་ཧུ་ཧུ། ཛུ་ཧུ་ཛུ་ཧུ་ཛུ་ཧུ། ཧ་ཏ་པྲ་ཏྱརྠ་ནི་ཙི་ལི་ཙི་ལི་ཙི་ལི། ཕཊ་ཕཊ་ ཕཊ། ཏིཥྛ་ཏིཥྛ་ཏིཥྛ། ཏིཥྛ་ཐ་ཏིཥྛ་ཐ་ཏིཥྛ་ཐ། མཱ་ཏི་པྲ་མ་ཐ། མཱ་ཏཱཾ་གི། ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་ཧེ་གལ་ཏེ་མི་འདུག་ན་ལག་པ་དང། རྐང་པ་དང། ཁ་དང། མིད་པ་དང། མིག་དང། སྙིང་དང་ ངག་ཐམས་ཅད་བཅིང་ངོ། །དཔྲོག་གོ་ཛྭ་ལ་ཛྭ་ལ་ཛྭ་ལ། དུཾ་དཧུ་དུཾ་དཧུ་དུཾ་དཧུ། བཾ་དཧུ་བཾ་དཧུ་བཾ་དཧུ་བཾ་དཧུ། ནཱི་ལ་ནཱི་ལ་ནཱི་ལཱཾ་ག་བཛྲ་དྷ་ར། སྟོབས་པོ་ཆེ་ཞེས་བྱ་བའི་སྙིང་པོ་དྲན་པར་གྱིས་ [388B]ཀོ་ཊི་ཀོ་ཊི་ཀོ་ཊི་ནི། སརྦ་བྷཱུ་ཏཱ་ནི། བཛྲ་མཱ་ལི། བཛྲ་དྷ་ར། བཛྲ་ཨཊྚ་ཧཱ་ས། ཙརྟུ་ནརྟུ་མརྟུ། ཀུ་རུ་ཀུ་རུ་ཀུ་རུ། ཧུ་རུ་ཧུ་རུ་ཧུ་རུ། སེམས་ཅན་ཆེན་པོ་དྲན་བར་གྱིས་ཤིག་ཧཱུཾ་ཧཱུཾ་ཧཱུཾ་ཧེ་ ཧེ་ཧེ༑ ཕཊ་ཕཊ་ཕཊ། ཙཎྜ་ཙཎྜ་ཙཎྜ། མཧཱ་ཙཎྜ། ཧུ་རྟུ་ཧུརྟུ་ཧུརྟུ། མུ་རུ་མུ་རུ་མུ་རུ། གྲིཧྞ་གྲྀཧྞ་གྲྀཧྞ། བཛྲ་པཱ་ཎི། ཧ་ན་ཧ་ན། མ་མ་སརྦྦ་ཤ་ཏྲཱུ་ཎཱཾ། མཱུརྟི་ཏཱ་ཌ་ཡ་ཕཊ། ཀུ་རུ་ཀུ་རུ་ཀུ་རུ་ ལག་ན་རྡོ་རྗེའི་ལས་དང་འགལ་བར་མ་བྱེད་ཅིག་དམ་ཚིག་ལས་འགལ་བར་བྱས་ན། དམ་ཚིག་དྲལ་བ་དང། དེ་བཞིན་གཤེགས་པའང་བསླུས་པར་འགྱུར་རོ། །གསང་སྔགས་ཀྱི་ གཞི་ནི། འདི་རྣམས་ཡིན་ནོ། །ཙུ་ཙུ་ཙུ། ཧ་ར་ཧ་ར། ཕཊྚུ་ཕཊྚུ་ཕཊྚུ། ཏ་པ་ནི་ཏ་པ་ནི་ཏ་པ་ནི། པ་ཙ་ནི་པ་ཙ་ནི་པ་ཙ་ནི། ལག་ན་རྡོ་རྗེའི་སྙིང་པོ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ པ་དྲན་པར་གྱིས་ཤིག་ཙི་ལི་ཙི་ལི་ཙི་ལི། ཕུ་ལུ་ཕུ་ལུ་ཕུ་ལུ། ཕུ་ཕུ་ཕུ། བཅོམ་ལྡན་འདས་གལ་ཏེ་བདག་གི་སྙིང་པོ་འདི་དང་འགལ་བར་བགྱིས་ན། དེ་བཞིན་གཤེགས་པས་རབ་ཏུ་གསུངས་ པའི་མཚམས་མེད་པ་ལྔ་དང་ལྡན་པར་གྱུར་ཅིག་ད་ར་ཕུ། ཙ་ར་ཕུ། ན་ར་ཕུ། རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་གཞི་འདི་རྣམས་གྲུབ་པར་ གྱུར་ཅིག་སཱཧཱ། རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ་སཱཧཱ། རྡོ་རྗེ་འཛིན་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ་སཱཧཱ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སཱཧཱ། དེ་ནས་དེའི་ཚེ་དེ་བཞིན་ [389A]༄༅། །གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་བའི་འོད་ཟེར་ཀུན་ཏུ་འབར་བའི་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ལས་འདས་ནས་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་ཏུ་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བར་ཀུན་ཏུ་སྣང་ངོ། །དེ་ལྟར་ གྱུར་པ་དང། བདུད་སྡིག་ཅན་རལ་གྲི་དང། འཁོར་ལོ་དང། གཞུ་དང། མདའ་ལ་སོགས་པའི་མཚོན་ཆ་རྣམས་ལག་ན་ཐོགས་ཏེ་བགེགས་ཀྱི་རྣམ་པར་འཕྲུལ་པ་དུ་མ་བྱེད་དོ། །དེ་ ནས་སྐད་ཅིག་དེ་ཉིད་ལ་བདུད་སྡིག་ཅན་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་ལྷན་ཅིག་ཏུ་བདུད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས་བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་ངོ་ དེ་ནས་དེ་ལྟར་གྱུར་པ་དང། ཁྲོ་བོ་འཆོལ་བ་མདོག་དམར་པོ་སྦྲང་རྩི་ལྟར་མིག་དམར་སེར་པོ། །མཆེ་བ་གཙིགས་པ། མི་བཟད་པ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ལག་པ་གཡས་པ་ན་ བེ་ཅོན་ཐོགས་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་ཉི་ཤུ་རྩ་ གཅིག་གི་བྱེ་མ་སྙེད་འདས་ཤིང། དེ་བཞིན་དུ་ལྷོ་དང། ནུབ་དང་བྱང་གི་ཕྱོགས་སུ་ཡང་ཀུན་ཏུ་སྣང་ངོ། །དེ་ནས་བདུད་སྡིག་ཅན་དང། བགེགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ [389B] །བདུད་སྡིག་ཅན་མྱོས་ཤིང་གཟིར་ཏེ་ཕོངས་ནས་སྲོག་ལ་མི་ལྟ་བ་དང། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཞགས་པས་བཅིང་པ་ལྔས་བཅིངས་ སོ༑ ༑དེ་ལྟར་གྱུར་པ་དང། དེའི་ཚེ་འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་སྤོས་དང། མེ་ཏོག་དང། རྒྱལ་མཚན་དང། བ་དན་ སྣ་ཚོགས་ལ་སོགས་པས་བཅོམ་ལྡན་འདས་ལ་ཅི་ནུས་ཀྱིས་མཆོད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་མངོན་པར་དགའ་བར་བྱས་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རང་བ་མཛད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དང། ལྷ་དང་མི་ རྣམས་ཀྱི་དོན་དང། ཕན་པ་དང། བདེ་བའི་ཕྱིར་རིག་སྔགས་མཆོག་གི་རྒྱུད་ཆེན་པོའི་ནང་ནས་དོན་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེ་ སྟོབས་ཆེན་པོའི་རིག་སྔགས་ཀྱི་རྒྱལ་པོ་ཞེས་བྱ་བའི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །གང་ལ་ལ་ཞིག་འཛིན་ཏམ་འཆང་ངམ། ཀློག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་ རབ་ཏུ་སྟོན་ཏམ། བསྟི་སྟང་དུ་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་པར་བྱེད་ན། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཕ་རོལ་གྱིས་བྱས་པའི་གསང་ [390A]༄༅། །སྔགས་ཐམས་ཅད་བཤིག་པ་དང། བཅོམ་པ་དང། བསྒྱེལ་བར་ཡང་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་རིག་སྔགས་མཆོག་གི་ རྒྱུད་ཆེན་པོའི་ནང་ནས་འབྱུང་བ་སྨྲས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རངས་པ་མཛད་པས་དོན་འདོད་པ་ཐམས་ཅད་ སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ། ཧ་ན་ད་ཧ་པ་ཙ་མ་ཐ་བི་དཧྭཾ་ས་ཡ། ཛ་ཊི་ ལ་བོ་ད་ར། ཨུཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ་སཱཧཱ། དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། རིམ་གྲོར་བགྱིད་དམ། མཆོད་ པར་བགྱིད་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ་།གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཡང་གསོལ་པ། སྟོབས་པོ་ཆེའི་སྙིང་པོ་འཛིན་པ་ལ་ནི། གནོད་ སྦྱིན་ནམ། གནོད་སྦྱིན་གྱི་བུའམ། སྲིན་པོའམ། སྲིན་པོའི་བུའམ་གྲུལ་བུམ་མམ། གྲུལ་བུམ་གྱི་བུའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་གི་བུའམ། ཀླུའམ་ [390B] དྲི་ཟའམ། དྲི་ཟའི་བུའམ། ཤ་ཟའམ། ཤ་ཟའ་བུའམ། སྨྱོ་བྱེད་དམ། སྨྱོ་བྱེད་ཀྱི་བུའམ། མཁའ་འགྲོ་འམ། མཁའ་འགྲོའི་བུའམ། སྒྲུབ་པའམ། སྦྲུལ་འཛིན་ བཅས་པ་ལ་སོགས་པ་དང། བརྗེད་བྱེད་དང། ལུས་སྲུལ་པོ་དང། རོ་ལངས་ལ་སོགས་པ་དང། གནོན་པོའི་གདོན་ཐམས་ཅད་དང། བརྗེད་བྱེད་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་མི་ ཚུགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་ སོ། །སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་དོ། །ཕྱི་མའི་མཐའ་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་དོ། །དེ་བཞིན་ཉིད་སྟོང་པ་ཉིད་དོ། །དེ་ནས་བཅོམ་ལྡན་ འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གང་མདོ་སྡེ་འདི་རབ་ཏུ་སྟོན་པ་དེ་མཆོད་པར་བགྱི་བ་དང་ཕྱག་བགྱི་བ་དང། རིམ་གྲོར་བགྱི་བ་དང། བསྐོར་ བར་བགྱི་བའི་འོས་སུ་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོད་པ་སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ་ ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ལག་ན་མདུང་རྩེ་གསུམ་ཐོགས་པ་དྲག་ཤུལ་ཅན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏ་ནི་རྣཱ་དི། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨོཾ་ཨོཾ། ཕཊ་ཕཊ་ཕཊ། སྟོབས་པོ་ཆེ་ལ་སཱཧཱ་ [391A]༄༅། །ཨོཾ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། ཧ་ན་ད་ཧ་བ་ཙ་མ་ཐ་བི་ཀི་ར། བི་དཧྭ་ན་ས་ཡ་ཛ་ཊི་ལཾ་བོ་ད་ར། ཨུ་ཙུཥྨ་ཀོ་དྷ་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ། སརྦྦ་དུཥྚཾ། སྟཾ་བྷ་ཡ་སྟཾ་ བྷ་ཡ༑ དུ་རཱ་རཱ། དུཥྚན་ནི་བཱ་ར་ཡ། བདག་ལ་སྲུང་ཤིག་སྲུངས་ཤིག་སཱཧཱ། ཨོཾ་ཨ་ནནྟ། བི་ཛ་ཡ། མ་ཧཱ་ཙཎྜ་ཧཱུཾ་ཕཊ་སཱཧཱ། ཨོཾ་དཧྲྀ་ཀ་ཧཱུཾ་ཕཊ། ཨོཾ་ཤྲི་རེ་ཡེ། ཤི་རོ་མཱ་ལི་ནི། སི་ནི་ སི་ནི༑ ཤི་ཤི་ནི་ཤི་ཤི་ནི། ཨོཾ་སརྦྦ་ཨཱཏྨ་ཛ། མ་ཧཱ་ཏེ་ཛ་བཛྲ། ཨ་ཤ་ནི་བཛྲ། པཱ་ཤ་ཨ་ནུ། པྲ་བི་ཤྱ་སརྦྦ་དུཥྚ། སྟཾ་བྷ་ཡ་སྟཾ་བྷ་ཡ། ཧཱུཾ་ཕཊ། ཨོཾ་ཧཱུཾ་བནྡྷ་བནྡྷ་ཧཱུཾ། ཨོཾ་ཨ་ནནྟ་ བི་ཛ་ཡ། མ་ཧཱ་ཙཎྜེ། ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ། བཛྲ་ཀྲོདྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་དྷ་ཀ་རི་ཀ་ར་ཀ་ར། ཅྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་དྷ་ཀ་དྷ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཨོཾ་བི་ པུ་ར་རཀྵ་བཛྲ། པྲཉྫ་ར་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་བཛྲ་བཛྲི་བཧུ་ར་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་པ་ལ་ཨཱ་ཀརྵ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ། ད་ར་ད་ར། དཱ་ར་ཡ་དཱ་ར་ ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ། ཧ་ན་ཧ་ན། ད་ར་ད་ར། དཱ་ར་ཡ་དཱ་ར་ཡ། པ་ཊ་ཡ་པ་ཊ་ཡ། མོ་ཊ་ཡ་མོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ། ཏ་ཊ་ཏ་ཊ། ཏ་ཊ་ཡ་ཏ་ཊ་ཡ་ ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཛྭ་ལ་ཛྭ་ལ། པྲ་ཛྲ་ལ་པྲ་ཛྭ་ལ། དི་པྱ་ད་པྱི། དའི་པ་ཡ་དའི་པ་ཡ། ཧཱུཾ་ཕཊ། ཨོཾ་ཙུ་རུ་ཙུ་རུ། ཨུ་ཙུཥྨ་ཀྲོ་དྷ། ཤི་ཁ་ར་ཧ་ར་ཧ་ར་ཧཱུཾ་ཕཊ། དཀོན་མཆོག་ [391B] །གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་བོ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་ཀྲོ་དྷ་མཧཱ་ཙཎྜ་ཧ་ན་ད་ཧ་པ་ཙ་མ་ཐ་བི་ཀི་ར་བི་དཧྭ་ན་ས་ཡ་བཅོམ་ལྡན་ འདས་ཚུར་གཤེགས། ཚུར་གཤེགས། ཧ་ན་ཧ་ན། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། བི་དཧྭ་ན་ས་ཡ། བི་དཧྭ་ན་ས་ཡ། ལྷ་དང་ལྷ་མ་ཡིན་གྱི་བདག་པོས་མཆོད་པ་ཐམས་ཅད་ཀྱི་བདག་ཉིད་ ལས་སྐྱེས་པ། གཟི་བརྗིད་ཆེན་པོ། སུ་རུ་སུ་རུ། མུ་རུ་མུ་རུ། ཀུ་རུ་ཀུ་རུ། གྷུ་རུ་གྷུ་རུ། ཀུརྦྦ་ཀུརྦྦ། མཧཱ་ཀུརྦ། བི་ཀུརྦ། ཀུ་ནཊྚི། ཀུ་ནཊྚི། ན་ཊི་ན་ཊི། ཤི་ནི་ཤི་ནི། ཁི་ནི་ཁི་ནི། ཁ་ཁ། ཁཱ་ ཧི་ཁཱ་ཧི། ཀུ་རུ་ཀུ་རུ། ཏུ་ཊ་ཏུ་ཊ། ཏུཊྚ་ཏུཊྚ། ཏྲཊྚ་ཏྲཊྚ་ཏུ་རུ་ཏུ་རུ། འབྱུང་པོའི་བདག་པོ། ཀླུའི་བདག་པོ། ལྷ་མ་ཡིན་གྱི་གྲོང་ཁྱེར་རྣམ་པར་འཇོམས་པར་བྱེད་པ་ཁྲོ་བོ་འཆོལ་པ་སྟོབས་ པོ་ཆེ། དྷ་མ་དྷ་མ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། སུ་རུ་སུ་རུ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། ཧྲཱྀཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་སཱཧཱ། ཨོཾ་ཙུ་ལུ་ཙུ་ལུ་སཱཧཱ། ཨོཾ་ བཛྲ་ཀྲོ་དྷ་མཧཱ་བ་ལ་སརྦྦ་དུཥྤཾ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ་ཧཱུཾ་ཕཊ། ཨོཾ་ཧ་ཧ། ས་ར་ས་ར། བི་ས་ར་བི་ས་ར། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨོཾ་བི་ས་ར། སཾ་ཏྲཱ་ས་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ ལ༑ ཧ་ར་ཧ་ར། ཁ་ཁ། ཁཱ་ཧི་ཁཱ་ཧི། ནཱ་ཤ་ཡ་ནཱ་ཤ་ཡ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ། མཱ་མཱ། མ་མ་ཕཊ། ཨོཾ་དཧྀ་ཀ་ཀྲོ་དྷ་ན་བདག་ལ་སྲུངས་ཤིག་སྲུངས་ཤིག་སཱཧཱ། ཨོཾ་མཧཱ་བ་ལ་བཛྲ་དྷ་ར། ཀ་ར་ཀ་ར་ [392A]༄༅། །བནྡྷ་བནྡྷ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཛྭ་ལ་གྲ་ས་ཨུ་ཙུཥྨ་སཱ་ག་ར་ཧཱུཾ། རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་པོ་དེ་དག་ཀྱང་སྲུང་བ་དང། ཡོངས་སུ་སྲུང་བ་དང། སྐྱོབ་པ་དང་ སྦེད་པར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེས་སྨྲས་པ། གང་གཟུངས་འདི་འཆང་བ་ནི། དགེ་བར་འགྱུར། དུག་མི་གནོད་པར་འགྱུར་ཤི་བ་སོས་པར་བྱེད་པར་འགྱུར། དགྲ་རྣམས་ ཀྱིས་མི་ཚུགས་པར་འགྱུར། བུ་མང་བར་འགྱུར་རོ། །ས་ཕྱོགས་ཀྱང་འགས་པར་འགྱུར་རོ། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ་།ལས་ཐམས་ཅད་ཀྱང་ནུས་པར་ འགྱུར་རོ། །གདུག་པས་ཟིན་པ་རྣམས་ལ་ནི། སྐྱོར་ཆུས་འཚོ་བར་འགྱུར་རོ། །དུག་ཐམས་ཅད་ཀྱང་དུག་མ་ཡིན་པར་བྱེད་པར་འགྱུར་རོ། །མངལ་ན་གནས་པའི་ཁྱེའུ་དང། བུ་མོ་ཡང་ བདེ་བར་བཙས་པར་འགྱུར་རོ། །མདོ་སྡེ་འདི་ཞག་གསུམ་བཅངས་ན་རྒྱས་པར་འགྱུར་རོ། །ཞག་བདུན་བཅངས་ན། ཞིབ་ཆེན་པོར་འགྱུར་རོ་།དེ་ནས་འབྱུང་པོའི་བདག་པོ་དབང་བདག་ རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་བསྐོར་བ་འཁོར་གྱི་དཀྱིལ་འཁོར་དེ་ནས་ལངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྐང་ པ་ལ་མགོ་བོས་ཕྱག་འཚལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེའི་བསྟན་པ་ཐོགས་པ་མེད་པ་དང། སྟོབས་ [392B] ལག་ན་རྡོ་རྗེ་དགའ་བ་ལྷ་དང། མི་དང། ལྷ་མ་ཡིན་དང། ཚངས་པའི་དབང་པོས་ཕྱག་བྱས་པ། གནོད་སྦྱིན་དང། སྲིན་པོ་དང། རོ་ལངས་དང་ ལུས་སྲུལ་པོ་འཇིགས་པར་བྱེད་པ། སྨྱོ་བྱེད་དང། སྐྲོད་པ་དང་གསོད་པ་དང། སྐེམ་བྱེད་དང། སྒོ་གླེགས་དང། འཁྲུལ་འཁོར་དང་གཏན་པ་དང། རྡོ་རྗེས་རྣམ་པར་འཇོམས་པ་ལས་ ཐམས་ཅད་བྱེད་པ། དཀྱིལ་འཁོར་གསང་བ་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་འབྱུང་ པོའི་བདག་པོ་དབང་བདག་ལ་འབྱུང་པོའི་བདག་པོ་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྦར་ཏེ་རྡོ་རྗེ་ལ་བཞུགས་པའི་ཚུལ་གྱིས་བཞུགས་ ནས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས་རྡོ་རྗེ་མི་བཟད་པ་ཁྲོ་བོ་ཆེན་པོ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེམས་ ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འོད་ཟེར་འབར་བའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཀྱི་དགའ་བ་ཀུན་ཏུ་སྟོན་བ་ཞེས་བྱ་བའི་ཏིང་ངེ་ འཛིན་དང། བདུད་ཐམས་ཅད་ཀྱི་ཡུལ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང། སེམས་ཅན་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་ [393A]༄༅། །ཏིང་ངེ་འཛིན་དང། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་སྐུ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྟོབས་པོ་ ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྡོམ་བག་ཅན་དུ་རྡོ་རྗེ་སྦར་ཏེ། དེ་ནས་རྡོ་རྗེ་པདྨ་ལ་གནས་བའི་ཚུལ་གྱིས་གནས་ཏེ་ཐམས་ཅད་དང་ལྡན་ པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་རྡོ་རྗེ་མི་བཟད་པ་ཁྲོ་བོ་འཆོལ་པ་ལུས་སྦྲུལ་གྱི་སྐ་རགས་ཀྱིས་བརྒྱན་པ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། །ཞུགས་མ་ཐག་ཏུ་ཁྲོ་བོ་འཆོལ་པས་བགེགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་འདར་ཏེ་གཟིར་བར་བདག་ཉིད་ཀྱིས་མཐོང་ངོ། །དེ་དག་ཚིག་ནས་སྨྲེ་ཞིང་སྲོག་བཏང་སྟེ་ སྲེག་པའི་བསྐལ་པ་སྙམ་དུ་སེམས་ཤིང་ཉམ་ཐག་པའི་སྐྲད་ཀྱིས་དུས་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་གན་དུ་སོན་ནས་བཅོམ་ལྡན་འདས། ཡོངས་སུ་བསྐྱབ་ཏུ་ གསོལ། བྱང་ཆུབ་སེམས་དཔའ། ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས། བདག་ཅག་ནི། བཅོམ་ལྡན་འདས་ཀྱིས་ཁྲོ་བོ་འཆོལ་པས་གཟིར་ཅིང་མྱོས་ཏེ་འཕོངས་ ནས་སྲོག་ལ་ཡང་མི་བལྟའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སྨྲས་པ། ཀྱེ་ [393B] རྫུ་འཕྲུལ་ཆེ་བའོ། །མཐུ་ཆེ་བའོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། དེ་དེ་བཞིན་ཏེ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི། རྫུ་འཕྲུལ་ཆེ་བའོ། ། མཐུ་ཆེ་བའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སེངྒེའི་ལྟ་སྟངས་ཀྱིས་བལྟས་ནས་འབྱུང་པོའི་བདག་པོ་ཁྲོ་བོ་འཆོལ་བའི་དཀྱིལ་ འཁོར་གསང་བ་དང་བཅས་པ་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དཧྭ་ན་ས་ཡ། ཛ་ཊི་ལཾ་བོ་དྷ་ར། ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཨ་ཨ་མོ་མོ་སཱཧཱ། གྲོགས་པོ་དག་གང་ ལ་ལ་ཞིག་ཁྲོ་བོ་སྟོབས་པོ་ཆེ་འདིའི་དཀྱིལ་འཁོར་དུ་ཞུགས་ན་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བས་དུས་བྱེད་པར་མི་འགྱུར་རོ། །དེའི་ལུས་ལ་དྲག་ པོའི་ལས་དང། ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལ་བགེགས་དང། མི་དང། རྣམ་པར་ལོག་འདྲེན་གྱིས་གླགས་རྙེད་པར་མི་འགྱུར་རོ། །སྐྱེ་བོ་ཐམས་ཅད་དགའ་བར་ འགྱུར་རོ། །དགྲ་ཐམས་ཅད་མེད་པར་འགྱུར་རོ། །འདིར་ཞུགས་ན། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཁྲོ་བོ་ཐམས་ཅད་ཀྱི་ཆོ་ག་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་འགྲུབ་ པར་འགྱུར་རོ། །འདིར་དབང་བསྐུར་ན། བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དཔལ་གྱི་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ཁྲོ་བོ་ཆེན་པོ་ལན་ [394A]༄༅། །ཁྲིས་སྔར་སྤྱད་པར་བྱས་ཏེ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་བྱེད་པ། བྱས་པ་གཟོ་བ། རྒྱུད་ཤེས་པ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། གསུམ་ལ་སྐྱབས་ སུ་དོང་བ། བྱང་ཆུབ་ཀྱི་སེམས་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེ་ཅན་དུ་གྱུར་པ། དཀྱིལ་འཁོར་མཐོང་བ་དབང་བསྐུར་བ། བླ་མ་རྣམས་ཀྱི་ལུང་བྱིན་པ། གང་ བདུད་ཐམས་ཅད་དང། སྡང་བའི་སེམས་རྣམ་པར་འཇིགས་པར་བྱེད་པ་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་འདི་འཆང་བ་དང། ཀློག་པ་དེ་བདུད་དང། དགྲ་ཐམས་ཅད་ཀྱིས་ མི་ཚུགས་པར་འགྱུར་རོ། །གནོད་སྦྱིན་དང། སྲིན་པོ་དང། ཡི་དྭགས་དང། ཤ་ཟ་དང། ལུས་སྲུལ་པོ་དང། མཁའ་འགྲོ་དང། བརྗེད་བྱེད་དང། སྒྲུབ་པ་དང། སྦྲུལ་འཛིན་བཅས་ པ་ལ་སོགས་པ་ཐམས་ཅད་དང། འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཐར་པར་འགྱུར་རོ། །གསོད་པ་དང། བཅིང་བ་ ཐམས་ཅད་ལས་ཐར་པར་འགྱུར་རོ། །བཅད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྨུགས་བྱེད་དང། རེངས་བྱེད་དང། རྨོངས་བྱེད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ ཐར་པར་འགྱུར་རོ། །ཀླུའི་འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། །སེམས་ཅན་དབུལ་པོ་གང་ལ་ལ་ཞིག་ཆོས་ཀྱི་ [394B] ཀློག་གམ། ཡིད་ལ་བྱེད་དམ། རྗེས་སུ་དྲན་པར་བྱེད་ན། དབུལ་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་པར་འགྱུར་རོ། །ལོ་ཉེས་པ་བྱུང་ བའི་ཚེ་སྟོབས་པོ་ཆེ་ལན་བདུན་བཀླགས་ན། སྤྲིན་ཆེན་པོ་ལས་ཆར་འབབ་བོ། །གལ་ཏེ་ཆར་མི་འབབ་ན། སྤྲིན་གྱི་ལྷ་རྣམས་ཀྱི་སྲོག་བསྐམས་བར་འགྱུར་རོ། །ཀླུའི་རྒྱལ་པོ་ནག་པོ་ དང། ཀླུའི་རྒྱལ་པོ་འཁོར་ལོ་དང། ཀླུའི་རྒྱལ་པོ་མཐའ་ཡས་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་སྤྲིན་ཆེན་པོ་ལས་ཆར་འབེབས་སོ། །གལ་ཏེ་ཆར་མི་འབེབས་ན། སྲོག་བསྐམས་པར་ འགྱུར་རོ། །གོང་དུ་སྨོས་པའི་ཆོ་ག་བཞིན་དུ་ཕྱོགས་ཀྱི་ཆའམ་རླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་མམ། མཆོད་རྟེན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ ན་རྡོ་རྗེ་ལ་མཆོད་པ་ཆེན་པོ་བྱས་ཏེ་ཙནྡན་དམར་པོ་དང། ཀ་ར་བའི་རའི་མེ་ཏོག་དང། པདྨ་དམར་པོ་དང། ཨ་ཏི་མུཀྟ་ཀའི་མེ་ཏོག་དང། རྒྱལ་མཚན་དང། བ་དན་དམར་པོ་ལ་སོགས་པའམ་ བུམ་པ་སྤོས་ཆུས་བཀང་བ་ལ་སོགས་པས་མཆོད་པ་བྱས་ཏེ། གང་མདོ་སྡེ་འདི་འཆང་བ་དང། ཀློག་པ་དེ་དག་གཡུལ་ངོ་ཐམས་ཅད་དུ་ཞུགས་ཀྱང་ཕ་རོལ་གྱིས་མི་ཚུགས་པར་འགྱུར་ རོ༑ ༑སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྟོབས་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་ [395A]༄༅། །ངོར་སོང་ན། ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ་།གསང་སྔགས་གྲོ་ག་ལ་བྲིས་ཏེ་སྤྱི་བོར་བཏགས་ན། གཡུལ་ངོར་མཚོན་ཆ་རྣམས་མེ་ཏོག་བཞིན་ དུ་ལྟུང་བར་འགྱུར་རོ། །དེ་ནས་བདུད་དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་སྟོབས་པོ་ཆེ་ཞེས་བགྱི་བ་ཅི་ལགས་ཞེས་གསོལ་ པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི། ཆོས་སོ། །སྟོབས་པོ་ཆེ་ཞེས་བྱ་བ་ ནི༑ ཆོས་ཀྱི་ཕུང་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི། ཆོས་ཀྱི་ཚུལ་ལོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི། ལག་ན་རྡོ་རྗེའོ། །དེ་ནས་ བདུད་སྡིག་ཅན་གྱིས་སྨྲས་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སྐྱབས་སུ་མཆིའོ། །སངས་རྒྱས་དང། ཆོས་དང་དགེ་འདུན་ལ་སྐྱབས་སུ་ མཆིའོ། །བཅོམ་ལྡན་འདས། ལེགས་སོ་ལེགས་སོ། །དགེ་བསྙེན་གྱི་ཡན་ལག་གཟུང་བར་བགྱིའོ། །བདེ་དང་ཐར་དང་མཐོ་རིས་དང། མཁས་པ་དག་དང་སེམས་ཅན་ནི། ། དམ་པ་ཀུན་ལ་ཕན་པའི་ཕྱིར། །སྟོབས་པོ་ཆེ་ནི་གཟུང་བར་བགྱི་།དེ་ནས་བདུད་སྡིག་ཅན་ཆོས་ལ་འགའ་ཞིང་ཡིད་བདེ་བ་དང་རངས་པ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་ [395B] །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་མདོ་སྡེ་འདི་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང་ཡི་དྭགས་དང། གཤིན་རྗེའི་འཇིག་རྟེན་གྱི་སྡུག་ བསྔལ་ལས་ཐར་པར་བྱེད་པའོ། །དེ་བསྐལ་པ་སྟོང་ཕྲག་ཉི་ཤུར་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །བསྐལ་པ་མཐའ་ཡས་པར་གླིང་བཞི་ལ་དབང་པའི་འཁོར་ལོས་བསྒྱུར་བར་འགྱུར་ རོ༑ ༑བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པར་བྱེད་དོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་སྙིང་པོ་འདི་ནི། གཙང་སྦྲ་ཅན་ནམ། གཙང་སྦྲ་མེད་པའམ། སྨྱུང་ བར་བྱས་པའམ། སྨྱུང་བར་མ་བྱས་པའམ། འཁྲིག་པའི་ཆོས་ལ་སྟེན་པ་ལའང་འགྲུབ་པར་བྱེད་དོ། །དེ་ལ་བར་ཆད་དུ་མི་འགྱུར་རོ་།དེ་ནས་རབ་འབྱོར་འཁོར་དེ་ཉིད་ན་འདུག་པར་གྱུར་ པས༑ བཅོམ་ལྡན་འདས། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ནི། ཅི་ཞིག་སྩོལ་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ལག་ན་རྡོ་རྗེ་ལ་དྲི་བ་དྲིས་ཤིག་རབ་འབྱོར་གྱིས་སྨྲས་པ་ལག་ན་རྡོ་རྗེ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ནི། ཅི་ཞིག་སྦྱིན་པར་བགྱི། ལག་ན་ རྡོ་རྗེས་སྨྲས་པ། འབྲུ་སྦྱིན་པར་བྱེད་དོ། །གོས་སྦྱིན་པར་བྱེད་དོ། །དངུལ་སྦྱིན་པར་བྱེད་དོ། །གསེར་སྦྱིན་པར་བྱེད་དོ། །བ་ལང་སྦྱིན་པར་བྱེད་དོ། །དམ་པ་གང་འདོད་པའི་དམ་པ་དེ་སྦྱིན་ [396A]༄༅། །པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། ཅིའི་འབྲས་བུ་ཞེས་བྱ་བའམ། ལག་ན་རྡོ་རྗེས་སྨྲས་པ། རབ་འབྱོར། དེ་དེ་བཞིན་ཏེ། སེམས་ཅན་ཉོན་མོངས་ པས་བསྒྲིབས་པ་རྣམས་ནི། འབྲས་བུའི་དུས་སུ་གནས་སོ། །འབྲས་བུའི་དུས་ཀྱི་ཡོན་ཏན་གྱི་དོན་དུ་གནས་སོ། །ཡོན་ཏན་གྱི་དོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱི་ལམ་ལ་འཇོག་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །གསང་བའི་མཚན་ཉིད་ལྡན་པ་སྟེ། །སྟོབས་པོ་ཆེ་ནི་ཤེས་རབ་ལྡན། ། གསང་བའི་མཚན་ཉིད་ཕུན་སུམ་ཚོགས། །སྤྱི་ནས་དབང་བསྐུར་ཡིད་ཀྱང་གཞུངས། །མཚན་དང་ཡང་དག་ལྡན་པ་སྟེ། །སྦྱིན་དང་ཚུལ་ཁྲིམས་ཤེས་རབ་ཆེ། །རྫུ་འཕྲུལ་ཆེ་ཞིང་ སྟོབས་ཀྱང་ཆེ། །དབང་ཆེར་གྲགས་ཤིང་བསོད་ནམས་ཆེ། །ཡོན་ཏན་རྩེ་མོ་སྟོབས་པོ་ཆེ། །མདོ་སྡེ་འདི་ལ་དབང་བསྐུར་ཕྱིར། །སངས་རྒྱས་བརྒྱད་སྟོང་དེར་གཤེགས་སོ། །བྱང་ཆུབ་ སེམས་དཔའ་ལག་ན་རྡོ་རྗེས་མདོ་སྡེ་འདི་ཉིད་ཀྱིས་མི་འཇིགས་པའི་ལག་པ་སྤྱི་བོར་བཞག་སྟེ་དགེ་བ་བྱེད་པར་འགྱུར་རོ། །གང་གིས་གཟུངས་འདི་སའམ། རིའམ། ཀླུང་གི་ དོགས་སམ། རྒྱ་མཚོའི་འགྲམ་དུ་བཅངས་ན། འཇིགས་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་ [396B] །སུ་མདོ་སྡེ་འདི་འཆང་བ་དང་ཀློག་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་བྲོ་ནད་མ་མཆིས་པར་ལོ་བརྒྱ་འཚོ་བར་འགྱུར་ རོ༑ ༑ལག་ན་རྡོ་རྗེས་ཡང་གསོལ་པ། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མདོ་སྡེ་འདི་ནི། དེ་བཞིན་ གཤེགས་པའི་སྤྲུལ་པ་ཞེས་བྱ་བར་ཟུངས་ཤིག་ཆོས་ཀྱི་ཉི་མ་ཞེས་བྱ་བར་ཡང་ཟུངས་ཤིག་ཆོས་ཀྱི་ཟླ་བ་ཞེས་བྱ་བར་ཡང་ཟུངས་ཤིག་དོན་ཐམས་ཅད་གྲུབ་པ་ཅེས་བྱ་བར་ ཡང་ཟུངས་ཤིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཅེས་བྱ་བར་ཡང་ཟུངས་ཤིག་སྡིག་པ་ཐམས་ཅད་བྱང་བར་བྱེད་པའི་གཟུངས་སྔགས་ཞེས་བྱ་བར་ཡང་ཟུངས་ ཤིག་རིག་སྔགས་འཆང་ཐམས་ཅད་གྲུབ་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུངས་ཤིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་ཟུངས་ཤིག་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བར་ཡང་ཟུངས་ཤིག་།རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བར་ཡང་ཟུངས་ཤིག་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། སུ་མདོ་སྡེ་འདི་ འཛིན་པ་དང། འཆང་བ་དང། ཀློག་པ་དང། ཡི་གེར་འབྲིར་འཇུག་པ་དང། བསྟི་སྟང་དུ་བྱེད་པ་དང། བླ་མར་བྱེད་པ་དང། རིམ་གྲོར་བྱེད་པ་དང། མཆོད་པར་བྱེད་པ་དེས་འདས་པ་དང། མ་ [397A]༄༅། །འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །འདས་པ་དང། མ་འོངས་པ་དང། ད་ལྟར་ བྱུང་བ་རྣམས་ཀྱིས་མཆོད་རྟེན་སྐུ་གདུང་དང་བཅས་པ་ལ་མཆོད་པར་བྱས་པར་འགྱུར་རོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །ཤིན་ཏུ་ཟབ་པའི་ ཆོས་བསྟན་པ་དང། ཆོ་འཕྲུལ་གྱི་ཡོན་ཏན་གྱི་རྒྱན་གྱི་ཆོས་བསྟན་པ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལག་ན་རྡོ་རྗེ། རིགས་ཀྱི་བུའམ། རིགས་ཀྱི་བུ་གང་མདོ་ སྡེ་འདི་འཆང་བ་དེ་ལ་སྡང་བའི་སེམས་ཅན་རྣམས་ཆུ་འགྲམ་གྱི་ཤིང་ལྟར་མ་རུངས་པར་འགྱུར་རོ། །སྤོས་དང། མེ་ཏོག་དང། བདུག་པ་དང། རྒྱལ་མཚན་དང། བ་དན་སྣ་ཚོགས་ལ་ སོགས་པས་མཆོད་པ་བྱས་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ལ་བར་ཆོད་མི་འབྱུང་བར་འགྱུར་རོ་།མདོ་སྡེ་འདི་གནས་གང་ཡང་རུང་བ་ན་འཆང་ ན༑ ལྷ་དང། མིར་བཅས་པས་མཆོད་པ་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་བགེགས་དང། རྣམ་པར་ལོག་འདྲེན་ཐམས་ཅད་འཆིང་བ་ཡིད་ལ་བྱེད་ན། སངས་ རྒྱས་བརྒྱད་སྟོང་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང། དྲང་སྲོང་ཆེན་པོ་རྣམས་དང། ལྷ་དང། ཀླུ་དང་དྲི་ཟར་བཅས་པ་རྣམས་དགྱེས་དགའོ། །སྟོབས་པོ་ [397B]གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། སུ་མདོ་སྡེ་ལ་གུས་པར་མི་ བྱེད་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། སུ་མདོ་སྡེ་འདི་ལ་གུས་པར་བྱེད་པ་དང། རིམ་གྲོ་བྱེད་པ་དང་ མཆོད་པ་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཡི་གེ་འྦྲིའམ་ཚིག་མཉན་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ལག་ན་ རྡོ་རྗེས་གསོལ་པ། ཐུབ་པའི་ཆོས་བསམ་གྱིས་མི་ཁྱབ་པ། ཤིན་ཏུ་ཕྲ་བ། ཤིན་ཏུ་ཟབ་པ། བསམ་གྱིས་མི་ཁྱབ་པ་ལ་སེམས་ཅན་རྣམས་ཀྱི་ནང་ནས་གང་ལོག་པར་སེམས་ པ་དེ་མྱོས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་མདོ་སྡེ་འདི་བཤད་པར་བྱའོ། །སེམས་ ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང། ཞི་བར་བྱ་བ་དང་རྒྱས་པར་བྱ་བ་དང། དབང་བསྐུར་བ་དང། བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་པར་བྱ་བ་དང། དཔལ་གྱིས་བྱིན་གྱིས་བརླབ་ པར་བྱ་བ་དང། སྡིག་པ་ཐམས་ཅད་བྱང་བར་བྱ་བ་དང། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་བཤད་པར་བྱའོ། །དེའི་ཕྱིར་དེ་བཞིན་ [398A]༄༅། །གཤེགས་པ་བརྒྱ་སྟོང་དང་བར་མཛད་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་མཛད་དེ་ཐལ་མོ་སྦྱར་ནས་ལེགས་པར་རབ་ཏུ་ བཤད་པ་ལེགས་སོ་ཞེས་མངོན་པར་དགྱེས་པར་མཛད་དོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སངས་རྒྱས་དེ་དག་ལ་སླར་གསུངས་པ་བཅོམ་ལྡན་འདས་དག་ལེགས་ པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེའི་གསང་བའི་ཆོས་བསྟན་པ་འདིའི་མཐུས་བྱང་ཆུབ་སེམས་དཔའ་ལག་ ན་རྡོ་རྗེས་སྡང་བ་བགེགས་དང། རྣམ་པར་ལོག་འདྲེན་ཐམས་ཅད་ཀྱི་སྙིང་འདར་ཞིང་འགུལ་བར་མཐོང་ངོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ཨོཾ་ཧ་ན་ཧ་ན་བཛྲ་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ། སུ་རུ་སུ་རུ། མུ་རུ་མུ་རུ། ཀ་ཊེ་ཀ་ ཊེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛཱི་ཏེ། མ་ར་སཻ་ནྱ་པྲ་མརྡ་ནི་ཡ་སཱཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། རྣམ་པར་ལོག་འདྲེན་ཐམས་ ཅད་སྡིགས་ཤིག་ཆིངས་ཤིག་རྣམ་པར་ཆོངས་ཤིག་མ་གྲུབ་པ་རྣམས་གྲུབ་པར་གྱིས་ཤིག་གྲུབ་པ་རྣམས་དུལ་བར་གྱིས་ཤིག་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ [398B]ལྷ་དང། ཀླུ་ཐམས་ཅད་ཚུར་ཤོག་ཚུར་ཤོག་ངས་སྟོབས་པོ་ཆེ་ཁྲོ་བོའི་མཐུས་དགེ་བར་བྱའོ་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག་འདུ་བྱེད་ཐམས་ཅད་ནི། དྲི་ཟའི་གྲོང་ཁྱེར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི། གློག་དང་སྤྲིན་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི། ཁྱིམ་དང་ དབུ་བ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི། མར་མེ་དང་འདྲའོ་།འདུ་བྱེད་ཐམས་ཅད་ནི། ཆུའི་ཆུ་བུར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི། ཆུ་ཤིང་དང་འདྲའོ། །འདུ་བྱེད་ཐམས་ ཅད་ནི། རི་མོའི་རྣམ་པ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི། མེ་ཏོག་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི། རྨི་ལམ་དང་འདྲའོ་།འདུ་བྱེད་འདི་དག་ནི། བདེ་བ་དང་སྡུག་བསྔལ་གྱི་ འཁོར་ལོ་དང་འདྲའོ། །འདུ་བྱེད་འདི་དག་ནི། བདེ་བ་དང། སྡུག་བསྔལ་གྱི་ཀླུང་དང་འདྲའོ། །འཁྲུག་པར་འགྱུར་བས་རྒྱ་མཚོ་དང་འདྲའོ། །སྐར་མ་དང་འདྲའོ། །སེམས་ཅན་རྣམས་ནི་ [399A]༄༅། །འདུ་བྱེད་འདི་དག་སྐྱེ་བར་མི་སེམས། མི་མཐོང། མི་ཤེས་མི་འཇལ་གྱི། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་སོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་ འཇལ་ལོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །འདུ་བྱེད་ཐམས་ཅད་ནི། སྟོང་པ་ཉིད་དུ་མཚན་ཉིད་གཅིག་པར་མཁྱེན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ དུ་མཁྱེན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ མཁྱེན་ཏོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ། མཚན་ཉིད་འདི་ཉིད་མཐོང་ཞིང་མཚན་ཉིད་འདི་ཤེས་ཏེ་སྤྱོད་པའི་ བྱང་ཆུབ་སེམས་དཔའ་རྣམས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མདོ་སྡེ་འདི་ [399B] ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་ པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་ལས་རྣམས་བྱེད་པར་འགྱུར་རོ། །མཚན་ཉིད་དེས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་ སྡེ་འདི་ཡོངས་སུ་ནུབ་པའི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་སྡེ་འདི་འཚོ་ ཞིང་སྡོད་ན། དེ་བཞིན་གཤེགས་པའི་བསྟན་པ་ཡང་འཚོ་ཞིང་སྡོད་དེ། མཚན་ཉིད་དེས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ་།དེ་བཞིན་གཤེགས་པ་ཐམས་ཅད་ ཀྱང་མདོ་སྡེ་འདི་ཉིད་ལ་ཕྱག་འཚལ་ཏེ། མཚན་ཉིད་དེས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་རྗེས་ སུ་ཡི་རང་ནས་བཀའ་ལུང་བཞིན་བགྱི་ཞིང། སུ་མདོ་སྡེ་འདི་འཆང་བའི་གནད་དུ་མཆི་འོ། །ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ཉིད་ཀྱི་མཐུས་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། ལྷ་ཐམས་ཅད་ཀྱང་འོང་ངོ། །ལྷ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ་།ལེགས་སོ་ལེགས་སོ། །བདག་ཅག་ཀྱང་དམ་པ་སྩལ་ [400A]༄༅། །པར་མངོན་པར་དགའ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དམ་པ་འདི་ཉིད་སྩོལ་བ་མཛད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། སྟོབས་པོ་ཆེའི་གསང་བ་པའི་སྙིང་པོ་ནི། སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ། །དེ་ནས་ བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། མཚན་ཉིད་གང་གིས་ན་མདོ་སྡེ་འདི་ཆོས་ཀྱི་དབྱིངས་ སྔོན་དུ་འགྲོ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་ཞག་སུམ་ཅུ་རྩ་གཉིས་ལོན་པའི་ཉིན་མོ་རི་བཏང་བཟུང་ ཆེན་པོར་མདོ་སྡེ་འདི་ཉིད་ཀྱིས་ཆོས་བསྟན་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་སེམས་དང་པོ་བསྐྱེད་པ་གནས་ཏེ། མཚན་ཉིད་དེས་ན། ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་ དག་རྒྱུན་དུ་ཞུགས་པར་གྱུར་ཏོ། །རིགས་ཀྱི་བུ། སུ་མདོ་སྡེ་འདི་འཆང་བ་དང། ཀློག་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྲས་སུ་འདུ་ཤེས་བསྐྱེད་དོ། །འཁོར་དེ་ཉིད་དུ་ [400B]པར་མཛད་དོ། །ལག་ན་རྡོ་རྗེས་གསོལ་པ། སངས་རྒྱས་འཁོར་བ་བགྲོད་དཀར་སེམས་ཅན་གྱི། །སྲིད་པའི་ཕུར་པ་ འབྱིན་ཅིང་ཤེས་རབ་ཀྱིས། །སྲིད་ཕུར་སེམས་ཀླུང་འཇོམས་ཤིང་ཐུབ་པ་ཡི། །ཆོས་བསྟན་པས་ནི་སྡིག་འཇོམས་ཆོས་ལེགས་སྤྱོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ ན་རྡོ་རྗེ། ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེས་གསོལ་པ། སུ་མདོ་སྡེ་འདི་འཆང་བ་དང། ཀློག་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ པས་བསོད་ནམས་ཀྱི་ཕུང་པོ་ཅི་ཞིག་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སུ་མདོ་སྡེ་འདི་འཆང་བ་དང། ཀློག་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ ཡང་དག་པར་རབ་ཏུ་སྟོན་པ་ནི། ཏིང་ངེ་འཛིན་བྱེ་བ་འཐོབ་པར་འགྱུར་རོ། །སངས་རྒྱས་དང། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བྱེ་བ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས་བསམ་པ་རྒྱ་ཆེན་པོས་བསྟི་སྟང་བྱེད་པར་འགྱུར་རོ། །བླ་མར་བྱེད་པར་འགྱུར་རོ། ། རིམ་གྲོར་བྱེད་པར་འགྱུར་རོ། །མཆོད་པར་བྱེད་པར་འགྱུར་རོ། །ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱང་དབུལ་ལོ། །བྱང་ཆུབ་སེམས་ [401A]༄༅། །དཔའ་ལ་ཡང་བདེ་བར་སྦྱར་བ་སྒྲུབ་བོ། །དགེ་འདུན་གྱི་ཚོགས་ལ་ཡང་རིམ་གྲོ་བྱེད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །དེ་དག་གིས་ ཆོས་བསྟན་པ་དེ་ལ་ཡང་བསྟི་སྟང་དུ་བྱས་ཏེ་ཉན་ཏོ། །འཛིན་ཏོ། །ཀློག་གོ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི་ལྟ་བ་དང་མཚུངས་པར་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་ རོ༑ ༑སྟོབས་པོ་ཆེ་ཕ་རོལ་གནོན་པའི་ཁྲོ་བོ་འདིའི་མཐུས་བདག་དང་སེམས་ཅན་ཐམས་ཅད། སསྟི་སསྟི། སིདྡྷི་སིདྡྷི་སཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ པ་དང། འཕགས་པ་བྱམས་པ་དང། འཇམ་དཔལ་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཐམས་ཅད་དང། ལྷ་དང། ཀླུ་དང་ གནོད་སྦྱིན་དང། སྲིན་པོ་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་དང། ཐམས་ [401B] ལག་ན་རྡོ་རྗེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་སྟེ་མངོན་པར་བསྟོད་དོ་།འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ རྫོགས་སོ།། །།